མར་བཀོལ་ཆས་ཁྱད་ཆོས་མཚོན་རྟགས།

མར་སྒམ་ངོ་སྤྲོད།

དྲ་རྒྱ་མེད་དམ། གློག་མི་འདུག་གམ། སྐྱོན་མེད། ཁྱེད་ཀྱིས་མར་སྒམ་ལ་བརྟེན་ནས། མར་བཀོལ་ཆས་ཚོང་ཁང་ས་ཆ་གང་དུའང་ཡོད་པ་བཟོ་ཐུབ།

མར་སྒམ་ཞིག: འབྲུ་སིལ་ Pi Zero W 2 ་དེ་གློག་རྫས་ཞིག་དང་ཉི་ནུས་གློག་རྫས་པར་ལེབ་ཀྱི་ནང་དུ་བཅུག

བཀོལ་ཆས་ཚོང་ཁང་ཞིག གསང་སྡོམ་བྱས་པའི་གླེང་མོལ། ད་དུང་དེ་ལས་མང་བ། ཡོད་ཚད་དར་སྐུད་བརྒྱུད་ནས་སྦྲེལ་མེད་པའི་འབྲུ་སིལ་Pi ཡིས་བསྐྲུན་པའི་སྐུད་མེད་དྲ་བའི་སྟེང་དུ་ཡོད།

དེས་ལས་ཀ་ག་འདྲ་བྱེད་ཀྱི་འདུག

མར་སྒམ་གྱིས་སོ་སོའི་རང་ཉིད་ཀྱི་སྐུད་མེད་དྲ་བ་རྒྱང་བསྲིང་བྱེད། ཁྱེད་རང་ནང་དུ་ཞུགས་ཚར་ན། ཁྱེད་ཀྱིས་མར་ནང་འཇུག་བྱེད་ཐུབ། བཀོལ་ཆས་ཁག་རག་ཐུབ། སྤྱི་པའི་ཁ་བརྡ་ཁང་དུ་འཛུལ་ཐུབ། ཡང་ན། རང་ཉིད་སྒེར་གྱི་ཁ་བརྡ་ཁང་བཟོས་ཏེ། གྲོགས་པོ་ཚོར་ཆ་འཕྲིན་བརྒྱུད་གཏོང་བྱེད་ཐུབ། དྲ་རྒྱ་མེད་པའི་སྐབས་སུའང་མར་སྒམ་གྱིས་ལས་ཀ་བྱེད་ཐུབ། སྒམ་གྱི་ཉེ་འགྲམ་དུ་བསྡད་དེ་བཀོལ་ཆས་དེ་ལས་མང་བ་ཕབ་ལེན་བྱེད་པའམ། ཡང་ན། ཁྱེད་ཀྱི་ཁ་བརྡ་ཁང་དུ་འཛུལ་ཆོག ཆ་ཚང་མར་སྒམ་གྱི་ནང་དུ་ཉར་ཚགས་བྱས་ཡོད།

རང་ཉིད་ཀྱི་མར་སྒམ་རག་པར་བྱོས།

ང་ཚོས་འཛམ་གླིང་ས་ཕྱོགས་ཡོངས་ཀྱི་མཐུན་གྲོགས་ཚོར་མར་སྒམ་བཟོས་ཏེ་བསྐུར་ངེས། ཁྱེད་ཀྱིས་ཞབས་ཞུ་བསྒྲུབ་སའི་ཚོགས་སྡེ་དེར་ཁེ་ཕན་ཡོད་པར་དགོངས་ཚེ། ང་ཚོར་འབྲེལ་བ་གནང་རོགས།

ང་ཚོར་ཡིག་ཟམ་སྐུར།

Join our community mailing list

Get support and share expertise with other "Smooth Operators" (Butter Box stewards) around the world

Join the list here

རང་ཉིད་སྒེར་གྱི་མར་སྒམ་བཟོས།

སིལ་འབྲུ་Pi་སྟེང་དུ་སྔོན་ཚུད་ནས་བཟོས་པའི་པར་རིས་ཤིག་ནང་འཇུག་བྱས་ཏེ། རང་ཉིད་སྒེར་གྱི་མར་སྒམ་བཟོ་ཆོག པར་རིས་དེ་ཕབ་ལེན་བྱས་རྗེས། ཉེར་སྤྱོད་མ་ལག་གཞན་པ་ནང་འཇུག་བྱེད་པའི་ཆེད་དུ་བཀོལ་གྱིན་པའི་RPi Imager ལག་ཆ་དེ་རང་སྤྱད་དེ། པར་རིས་དེ་གསོག་བྱང་ཆུང་བའི་ནང་དུ་ཕབ་བཤུས་བྱོས།

Download .iso images from Dropbox

ཡང་ན། ང་ཚོའི་ཁུངས་འབྱེད་གཏེར་མཛོད་ནང་གི་ལམ་སྟོན་ལྟར། རང་ཉིད་ཀྱི་འདོད་མོས་བཞིན་མར་སྒམ་སྒྲིག་འགོད་བྱེད་ཆོག

ཡོངས་ཁུངས་དང་ཡིག་ཚགས།